【全民国防教育日】国防关乎你我他!全民国防教育日你需要知道这些!(双语)

发布时间:2025-09-20 08:11  浏览量:19

今年9月20日(星期六)是我国第25个“全民国防教育日”。

增强国防观念,掌握必要的国防知识和国防技能,自觉履行国防义务,关心、支持、参与国防建设是每位公民应尽的职责。

ད་ལོའི་ཟླ་བ༩ཚེས་༢༠ཉིན་(གཟའ་སྤེན་པ)ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་༢༥པ་ཡིན།

རྒྱལ་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་གི་ཤེས་བྱ་དང་རྒྱལ་སྲུང་གི་རྩལ་ནུས་དགོས་ངེས་ཁོང་དུ་ཆུད་པ། རྒྱལ་སྲུང་གི་འོས་འགན་རང་རྟོགས་ཀྱིས་སྒྲུབ་པ། རྒྱལ་སྲུང་འཛུགས་སྐྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། ཐེ་ཞུགས་བཅས་བྱ་རྒྱུ་ནི་སྤྱི་དམངས་ཚང་མས་བསྒྲུབ་དགོས་པའི་འགན་འཁྲི་ཡིན།

什么是全民国防教育日?

2001年8月31日,中华人民共和国第九届全国人民代表大会常务委员会第二十三次会议,通过《全国人民代表大会常务委员会关于设立全民国防教育日的决定》。根据《中华人民共和国国防教育法》规定,每年9月的第三个星期六为全民国防教育日。

ཅི་ཞིག་ལ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཟེར།

༢༠༠༡ལོའི་ཟླ་༨ཚེས་༣༡ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཐོག«དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན»ལ་གྲོས་འཆམ་བྱུང་བ་དང་། «རྒྱལ་སྲུང་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»ཀྱི་གཏན་འབེབས་ལྟར་ན། ལོ་རེའི་ཟླ་༩པའི་གཟའ་སྤེན་པ་ཐེངས་གསུམ་པ་དེ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཡིན།

今年9月20日,是第25个全民国防教育日,今年的活动主题是:“弘扬抗战精神 共筑国防长城。”

འདི་ལོའི་ཟླ་༩ཚེས་༢༠ཉིན་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་༢༥པ་ཡིན་ཞིང་། འདི་ལོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི། རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་སྲུང་ལྕགས་རི་རིང་པོ་མཉམ་དུ་བསྐྲུན་དགོས་ཞེས་པ་དེ་ཡིན།

全民国防教育标志以长城、烽火台、盾牌三个要素构成国防的概念;外围用橄榄枝烘托装饰,红五星在正上方,代表祖国无上的尊严与荣耀,中间的字母GFJY,是“国防教育”的汉语拼音缩写。

དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་མཚོན་རྟགས་ནི་ལྕགས་རི་རིང་པོ་དང་། བརྡ་གཏོང་དུ་ལྕོག །ཕུབ་བཅས་རྒྱུ་གཙོ་གསུམ་གྱིས་རྒྱལ་སྲུང་གི་ཐ་སྙད་གྲུབ་ཅིང་། མཐའ་འཁོར་དུ་སྐྱུ་རུའི་ཡལ་གས་མཛེས་རྒྱན་སྤྲས་པ་དང་། དབུས་ཀྱི་སྐར་མ་དམར་པོས་མེས་རྒྱལ་གྱི་བླ་ན་མེད་པའི་ལ་རྒྱ་དང་གཟི་བརྗིད་མཚོན་གྱི་ཡོད། དེའི་དཀྱིལ་དུ་གསལ་བའིGFJYནི་རྒྱལ་སྲུང་སློབ་གསོའི་བསྡུས་འབྲི་ཡིན།

设立全民国防教育日的目的?

设立目的为弘扬爱国主义精神,普及国防教育,使全民增强国防观念,掌握必要的国防知识和军事技能,自觉履行国防义务,关心、支持、参与国防建设。

一是针对和平时期人们国防观念淡化,需要加强国防教育。

二是为全民参与国防教育活动提供一个大众化、社会化的载体。

དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་གཏན་ལ་ཕབ་པའི་དམིགས་ཡུལ་གང་ཡིན།

དེའི་དམིགས་ཡུལ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྲུང་གི་ཤེས་བྱ་དང་དམག་དོན་གྱི་ནུས་རྩལ་དགོས་ངེས་ཁོང་དུ་ཆུད་པ། རྒྱལ་སྲུང་གི་འོས་འགན་རང་རྟོགས་ཀྱིས་སྒྲུབ་པ། རྒྱལ་སྲུང་འཛུགས་སྐྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། ཐེ་ཞུགས་བཅས་བྱ་རྒྱུའི་ཆེད་དུ་ཡིན།

ཞི་བདེའི་དུས་སྐབས་སུ་མི་རྣམས་ཀྱི་རྒྱལ་སྲུང་འདུ་ཤེས་ཉམས་ཞན་དུ་འགྲོ་བཞིན་པའི་དབང་གིས་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་གཅིག །དམངས་ཡོངས་རྒྱལ་སྲུང་སློབ་གསོའི་བྱེད་སྒོར་ཞུགས་རྒྱུར་མང་ཚོགས་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་གཞི་རྟེན་ཞིག་མཁོ་འདོན་བྱེད་དགོས་པ་དང་གཉིས་སོ།

什么是国防建设?

国防建设是国家为提高国防能力而进行的各方面的建设。

主要包括:武装力量建设,边防、海防、空防、人防及战场建设,国防科技与国防工业建设,国防法规与动员体制建设,国防教育及与国防相关的交通运输、邮电、能源、水利、气象、航天等方面的建设。

ཅི་ཞིག་ལ་རྒྱལ་སྲུང་འཛུགས་སྐྲུན་ཟེར།

རྒྱལ་སྲུང་འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱིས་རྒྱལ་སྲུང་ནུས་པ་ཆེ་རུ་གཏོང་ཆེད་སྤེལ་བའི་ཕྱོགས་གང་ཅིའི་ཐད་ཀྱི་འཛུགས་སྐྲུན་ཞིག་ཡིན་ཞིང་། དེའི་ནང་གཙོ་བོ་དྲག་པོའི་སྟོབས་ཤུགས་འཛུགས་སྐྱོང་དང་། མཐའ་སྲུང་། མཚོ་སྲུང་། མཁའ་ཟོན། མི་དམངས་མཁའ་སྲུང་དང་དེ་བཞིན་གཡུལ་སའི་འཛུགས་སྐྱོང་། རྒྱལ་སྲུང་ཚན་རྩལ་དང་རྒྱལ་སྲུང་བཟོ་ལས་འཛུགས་སྐྲུན། རྒྱལ་སྲུང་ཁྲིམས་སྲོལ་དང་སྐུལ་སློང་སྒྲིག་སྲོལ་འཛུགས་སྐྱོང་། རྒྱལ་སྲུང་སློབ་གསོ་དང་དེ་བཞིན་རྒྱལ་སྲུང་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡིག་ཟམ་གློག་འཕྲིན། ནུས་ཁུངས། ཆུ་བེད། གནམ་གཤིས། འཇིག་རྟེན་འཕུར་སྐྱོད་སོགས་ཐད་ཀྱི་འཛུགས་སྐྲུན་ཚུད་ཡོད།

我国国防的性质

我国国防的性质主要包括三个方面:

第一,我国是社会主义国家,国家的一切权力属于人民,保卫祖国是全体中国人民的神圣职责,即我们的国防是全国人民的国防。

第二,我们坚持独立自主的外交政策,奉行和平共处五项原则,我国的国防不受外国势力的影响,不与任何国家或国家集团结盟,即我们的国防是独立自主的国防。

第三,我国属于发展中国家,永远不做超级大国,不搞霸权主义,我们不要任何国家的一寸土地,也不允许任何国家侵占我国的一寸土地,即我们的国防是积极防御的自卫型国防。

རང་རྒྱལ་རྒྱལ་སྲུང་གི་ངོ་བོ་ནི།

རང་རྒྱལ་གྱི་རྒྱལ་སྲུང་གི་ངོ་བོར་གཙོ་བོ་ཕྱོགས་གསུམ་ཚུད་ཡོད་པ་སྟེ།

རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་ཞིང་། མེས་རྒྱལ་སྲུང་སྐྱོབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བླ་ན་མེད་པའི་འགན་འཁྲི་ཡིན་ཏེ། ང་ཚོའི་རྒྱལ་སྲུང་ནི་རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་སྲུང་ཡིན་པ་དང་གཅིག །ང་ཚོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལག་བསྟར་བྱེད་པ་ལས། རང་རྒྱལ་གྱི་རྒྱལ་སྲུང་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་། རྒྱལ་ཁབ་བམ་རྒྱལ་ཁབ་ཀྱི་ཚོགས་ཁག་གང་ལའང་མནའ་མཐུན་མི་བྱེད་པ་སྟེ། ང་ཚོའི་རྒྱལ་སྲུང་ནི་རང་བཙན་རང་བདག་གི་རྒྱལ་སྲུང་ཡིན་པ་དང་གཉིས། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས་ནམ་ཡང་རིམ་འདས་རྒྱལ་ཁབ་ཆེན་པོ་མི་བྱེད་ལ་བཙན་དབང་རིང་ལུགས་ཀྱང་མི་བྱེད། ང་ཚོར་རྒྱལ་ཁབ་གང་ཞིག་གི་ས་ཆ་སྦར་མཐིལ་ཙམ་ཡང་མི་དགོས་ལ་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་རང་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་བཙན་བཟུང་བྱས་མི་ཆོག་པ་སྟེ། ང་ཚོའི་རྒྱལ་སྲུང་ནི་འགོག་སྲུང་ཧུར་ཐག་བྱེད་པའི་རང་སྲུང་གི་རྒྱལ་སྲུང་ཡིན་པ་དང་གསུམ་བཅས་སོ།

国防的职能

保卫国家主权和领土完整,维护国家的独立和尊严;

保卫人民的和平劳动和幸福生活,促进国家经济建设的顺利进行;

巩固国家地位,维护世界和平,为人类发展进步做出贡献;

通过国防工业、国防技术、新技术、新产品的开发使用,促进国民经济的发展。

རྒྱལ་སྲུང་གི་འགན་ནུས།

རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་རང་བཙན་དང་ལ་རྒྱར་སྲུང་སྐྱོང་བྱ་རྒྱུ།

མི་དམངས་ཀྱི་ཞི་བདེའི་ངལ་རྩོལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྲུང་སྐྱོབ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུར་སྐྱོན་བྲལ་ངང་སྐུལ་འདེད་གཏོང་རྒྱུ།

རྒྱལ་ཁབ་ཀྱི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་ཏེ་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱས་རྗེས་འཇོག་རྒྱུ།

རྒྱལ་སྲུང་བཟོ་ལས་དང་། རྒྱལ་སྲུང་ལག་རྩལ། ལག་རྩལ་གསར་པ། ཐོན་རྫས་གསར་པ་བཅས་གསར་སྤེལ་དང་བེད་སྤྱོད་བྱེད་པར་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

国防关乎我们每一个人

为了普及和加强国防教育,发扬爱国主义精神,2001年4月28日,我国根据《国防法》和《教育法》,制定了《国防教育法》。

法律规定,国防教育是建设和巩固国防的基础,是增强民族凝聚力、提高全民素质的重要途径。 国家通过开展国防教育,使公民增强国防观念,掌握基本的国防知识,学习必要的军事技能,激发爱国热情,自觉履行国防义务。

རྒྱལ་སྲུང་ནི་ང་ཚོ་ཚང་མ་དང་འབྲེལ་བ་ཡོད།

རྒྱལ་སྲུང་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ༢༠༠༡ལོའི་ཟླ་༤ཚེས་༢༨ཉིན་རང་རྒྱལ་གྱིས་«རྒྱལ་སྲུང་བཅའ་ཁྲིམས»དང་«སློབ་གསོའི་བཅའ་ཁྲིམས»གཞིར་བཟུང་ནས«རྒྱལ་སྲུང་སློབ་གསོའི་སྐོར་གྱི་བཅའ་ཁྲིམས»གཏན་ལ་ཕབ་ཡོད།

བཅའ་ཁྲིམས་ནང་རྒྱལ་སྲུང་སློབ་གསོ་ནི་རྒྱལ་སྲུང་འཛུགས་སྐྱོང་དང་སྲ་བརྟན་དུ་གཏོང་བའི་རྨང་གཞི་དང་། མི་རིགས་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་རྒྱལ་སྲུང་སློབ་གསོ་སྤེལ་བར་བརྟེན་ནས་སྤྱི་དམངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་རྒྱལ་སྲུང་ཤེས་བྱ་ཁོང་དུ་ཆུད་པ། དམག་དོན་གྱི་རྩལ་ནུས་དགོས་ངེས་སློབ་སྦྱོང་། རྒྱལ་གཅེས་ཀྱི་སེམས་ཤུགས་སྐུལ་སློང་། རྒྱལ་སྲུང་གི་འོས་འགན་རང་རྟོགས་ངང་སྒྲུབ་དགོས་པའི་གཏན་འབེབས་བྱས་ཡོད།

公民的国防义务

履行兵役的义务

维护国家统一和安全的义务

保护国防设施的义务

保守国家军事机密的义务

接受国防教育的义务

支持国防建设、协助军事活动的义务

སྤྱི་དམངས་ཀྱི་རྒྱལ་སྲུང་འོས་འགན།

དམག་ཞབས་ཀྱི་འོས་འགན།

རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འོས་འགན།

རྒྱལ་སྲུང་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་འོས་འགན།

རྒྱལ་ཁབ་ཀྱི་དམག་དོན་གསང་བ་སྲུང་བའི་འོས་འགན།

རྒྱལ་སྲུང་སློབ་གསོ་དང་ལེན་བྱེད་པའི་འོས་འགན།

རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དམག་དོན་བྱེད་སྒོར་གཞོགས་འདེགས་བྱེད་པའི་འོས་འགན་བཅས་ཡིན།